བསྒྱུར་རྩོམ།

སྦྲུལ་གྱིས་སོ་བཏབ་པ།

ཉིན་ཞིག་ངས་ར་སྐོར་ཞིག་ལས་སྦྲུལ་ཆུང་ཆུང་ཞིག་མཐོང་ཞིང། སྦྲུལ་དེས་ང་མཐོང་མ་ཐག་ག་ལེར་ནུར་ནས་བེ་ཏེའི་ཤིང་འབྲས་ཞིག་གི་ཤུན་པགས་ཅིག་་གི་ཁོག་ཏུ་ཡུབ། དེ་འཕྲལ། ངས་ཤུན་པགས་དེའི་ཁ་རྡོ་ཞིག་གིས་བཅད་དེ་ངའི་རྨོ་རྨོ་ཡི་གམ་དུ་འཁྱེར་ཡོང་བ་ཡིན་། “ལྟོས་ར་། རྨོ་རྨོ” “ངས་སྦྲུལ་ཞིག་བཟུང་བ་ཡིན།”དེ་ལྟར་བཤད།
“སྦྲུལ” རྨོ་རྨོ་ཞེད་སྣང་དང་བཅས་ཏེ་བྲོས། རྨོ་རྨོ་སྐྲག་ཐག་ཆོད་དེ་སྐད་ཅོར་བརྒྱབས། སྤོ་བོ་བློ་བུར་དུ་རྒྱུགས་ཡོང་སྟེ་། བེ་ཏེའི་ཤུན་པགས་ཀྱི་ནང་དུ་སྦྲུལ་ཡོད་པ་ཤེས་པ་དང་ངའི་ལག་ནས་བླངས་སྟེ་མར་གཡུགས་སོང་། སྦྲུལ་དེ་ག་ལེར་རྩྭ་ཟིང་དུ་ནུར་ནས་མི་སྣང་བར་གྱུར། དེ་ནས་སྤོ་བོ་ཡིས་ང་ལ་སྦྲུལ་གྱི་ཉེ་འགྲམ་དུ་འགྲོ་མི་རུང་ཞིང་དེ་ཧ་ཅང་ཉེན་ཁ་ཡོད་པའི་ཉེན་བརྡ་བཏང་སོང།
ཉིན་དེའི་ཕྱི་དྲོར་ངས་སྦྲང་མ་ཞིག་བཟུང་བ་ཡིན་ལ་སྦྲང་མ་དེའི་ངའི་འཛིབ་མོའི་སྟེང་སྦྲང་མདུང་གིས་རྒྱབ་ཏེ་ན་ཟུག་ཧ་ཅང་བཟོད་བླགས་བྲལ་། དེ་བས། ང་རང་རྨོ་རྨོ་ཡི་གམ་དུ་སོང་སྟེ་ང་ལ་སྦྲང་མདུང་གིས་བརྒྱབས་པས་ན་ཟུག་འཇགས་བྱེད་ཅིག་དགོས་ཞེས་བཤད་། རྨོ་རྨོའི་སེམས་སུ་སྦྲུལ་གྱིས་སོ་བརྒྱབ་པར་འདོད་དེ་སྤོ་བོ་ལ་སྐད་བཏང། “འདིར་ཤོག་ལ་ར་ཇྰ་ལ་ཅིག་ལྟོས་དང”
སྤོ་བོ་འགྱོགས་པོར་ཡོང་ནས་ངའི་འཛུབ་མོའི་སྟེང་གི་སྔོ་ཐིག་ལ་ཅིག་ལྟོས་ཏེ་ཅི་ཡང་མི་སྨྲ་བར་ང་རང་མཆིན་དུ་བསྡམས་ནས་བརྒྱུགས་མགོ་བརྩམས། ཁོས་མེ་ཏོག་ར་བ་འཕྲད་ཀྱིས་བཅད་དེ་འབྲས་ཞིང་ཁ་ཤས་བརྒྱུད་ནས་ཁང་བ་ཆུང་ཆུང་ཞིག་གི་ཕྱོགས་སུ་བརྒྱུགས་། ང་ཚོའི་བསྡོད་ས་དང་ཁང་བ་དེ་གཉིས་ཀྱི་བར་ཐག་ཅུང་རིང་ནའང་ཁང་བ་དེའི་ནང་དུ་མ་སླེབས་བར་དུ་ཁོས་མཚམས་གཏན་ནས་མ་བཞག་།
སྤོ་བོས་དེར་བསྡོད་པའི་མི་དེར་སྐད་བཏང། རྒན་པོ་མགོ་དཀར་དེ་ཁང་བའི་ཕྱི་རོལ་དུ་སླེབས་ནས་སྦྲུལ་གྱི་སོ་བཏབ་མཁན་ཞིག་ལ་སྨན་བཅོས་བྱེད་དགོས་པར་སྔ་མོ་ནས་ཤེས་ཡོད། ངའི་སྤོ་བོས་ཁོང་ལ་སྨན་བཅོས་ཤིག་བྱེད་རོགས་ཞེས་རེ་སྐུལ་ཞུས་ཏེ། རྒན་པོ་དེས་ང་རང་ཁོའི་ནང་དུ་ཁྲིད། རྒན་པོས་ངའི་མཛུབ་མོར་ཅིག་ལྟོས་ཏེ་མར་སྡོད་དང་མ་འགུལ་ཞེས་བཤད། ང་རང་སྤོ་བོ་ཡི་པང་དུ་བསྡད་པ་ཡིན། དེ་ནས་རྒན་པོས་ཆུ་སྣོད་ཅིག་ལ་ཆུ་ཤིག་ཁྱེར་ཡོང་ནས་ང་ཚོའི་མདུན་དུ་བསྡད་དེ་སྔགས་ཟློ་མགོ་བརྩམས་། དེ་ནི་སྦྲུལ་གྱིས་སོ་བཏབ་པ་མ་ཡིན་པར་སྦྲང་མདུང་ཡིན་པར་ངས་བརྗོད་འདོད་བྱུང་མོད། འོན་ཀྱང་སྤོ་བོ་ཡིས་ང་རང་ཁོས་མཆུན་དུ་བསྡམས་པ་དང་བསྟུན་ནས་ངས་ཅི་ཡང་བཤད་མ་ཐུབ། ངའི་རྨོ་རྨོ་དང་ད་དུང་མི་གཞན་པ་ཁ་ཤས་ཡང་ངེད་གཉིས་ཀྱི་རྗེས་སུ་སླེབས་འདུག ཁོང་ཚོས་ཅི་ཡང་མི་སྨྲ་བར་སྐྱོ་མདོག་གིས་ང་ལ་ལྟོས་ནས་བསྡད།
སྐབས་དེར་ངའི་ན་ཟུག་ཡང་འཇགས་སོང་། འོན་ཀྱང་ང་རང་ད་དུང་སྤོ་བོའི་པང་དུ་བསྡད་ནས “་སྤྲུལ་གྱིས་སོ་བཏབ་པ་”དེ་དྲག་ཏུ་འཇུག་དགོས།
རེ་ཞིག་གི་རྗེས་སུ་རྒན་པོ་དེ་ཡར་ལངས་ནས་ངའི་འཛུབ་མོ་ཆུས་བཀྲུས་པ་དང་ཞོར་དུ་ང་ལ་འཐུང་ཆུ་ཞིག་ཀྱང་སྤྲད་སོང། ཁོས་ང་ལ་རེ་ཞིག་ཁ་རོག་གེར་འདུག་དགོས་ཞེས་བཤད་དེ་ངའི་སྤོ་བོ་ཡི་ཕྱོགས་སུ་འཁོར་ནས་ “དཀོན་མཆོག་མཁྱེན། ར་ཇྰ་སླེབས་ཚད་ཅིག་སླེབས་འདུག ད་ཁོང་ལ་སྐྱོན་མེད། ཁོང་ལ་དངོས་ནས་དུག་སྤྲུལ་ཞིག་གིས་སོ་བཏབ་འདུག”
སྤོ་བོ་དང་རྨོ་རྨོ་ད་དུང་གཞན་པ་ཚང་མའི་ཁོང་གི་མན་ངག་ལ་ཐུགས་རྗེ་ཆེ་ཞུས་པ་དང་ང་ཚོ་ནང་ལ་ལོག་པ་ཡིན། རྗེས་སུ་སྤོ་བོས་ཁོང་ལ་ལག་སྐྱེས་ཁ་ཤས་ཀྱང་བསྐུར་སོང་ངོ།

སྙིང་ཉེ་བའི་ཀློག་པ་པོ་ལགས། གལ་སྲིད་ཁྱེད་ཀྱིས་བསྒྱུར་རྩོམ་འདི་ཀློག་རྗེས་སྐྱོན་ཆ་ཅི་ཡོད་ལ་འཛེམ་དོག་མེད་པར་ཐེར་འདོན་བྱེད་རྒྱུ་ངའི་རེ་བ་ཡིན། རྒྱུ་མཚན་། དེ་ནི་ངའི་མ་འོངས་བའི་འཕེལ་རྒྱས་ཀྱི་རྒྱུ་དང་རྐྱེན་རེད་འདོད།

Advertisements

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s