རྩོམ་ཡིག

index                                       ད་ནངས་ཞོགས་པ།

མལ་ལས་ལངས་དུས་ཆུ་ཚོད་བདུན་པ་ཡས་མས་ཤིག་ཡིན་ལ་།   ད་རུང་གཉིད་ན་བསམ་པའི་མདུན་པ་ཞིིག་ཡ་ཆུང་སེམས་སུ་དམིགས་པ་བཞིན་ཐུབ་ཤིང་།     མཐར་མར་མལ་ཁྲི་ལས་གོག་མ་ལངས་གིས་ཐང་ལ་འབབ་ཐུབ་སོང་།   དཔེ་སྒམ་དང་ལྭ་བ་། སྨྱུ་གུ། དེབ་དེབ། ཇ་ཕོར། ལག་ཁྱེར་ཁ་པར། ལྷམ་སོགས་གོ་རིམ་མེད་པར་ཉལ་ཁྲིའི་གཡས་གཡོན་ན་ལུ་ཁྱུ་ཇི་བཞིན་གང་སར་བརྡལ་ཞིང་།  སྒོ་འགྲམ་ན་ད་དུང་གད་སྙིགས་ཐར་ཐོར་ཡང་གཅིག་གིས་གཅིག་ལ་མ་དགའ་བའི་ཚུལ་དུ་རང་རང་སར་བསྡད་འདུག  དེའི་སྟེང་དུ་འཁོར་བའི་སྦྲང་ནག་རེ་ཟུང་ནི་དབྱར་རྩྭ་དགུ་འབུ་ཙོང་ས་མ་རྙེད་པའི་བོད་པའི་ཚོང་བ་ཁ་ཤས་སྲིང་ལམ་ན་ཡར་མར་འཁྱམ་བཞིན་པ་ལས་གཉིས་སུ་མ་མཆེས།     སྒེའུ་ཡོལ་ཕྱེ་སྟེ་ཕྱི་རོལ་ལ་ཐེངས་གཅིག་བལྟ་རྒྱུ་ནི་ནམ་རྒྱུན་གོམས་ལོབ་སུ་གཤིས་ཀ་ཡན་གར་བ་ཞིག་ཡིན་ལ།         དེ་རིང་ཡང་གཤིས་ཀ་དེ་དོར་ག་ལ་རུང་།   སྒེའུ་ཁུང་ལས་ཐོག་མར་མངོན་པ་ནི་དམིགས་སྤྲིན་གྱིས་བསྒྲིབ་པའི་མཁའ་དབྱིངས་འདིས།     གཡོ་སྒྱུ་འཁྲམ་གསུམ་གྱི་འཁོར་ལོ་རྒྱུན་མི་ཆད་དུ་འཁོར་བའི་མིའི་རིགས་ཀྱི་བསྡོད་གནས་སུ་གྲགས་པའི་འཇིག་རྟེན་ལ་ཞེན་ཁ་ལོག་པ་ལྟར་དྭངས་གཙང་གི་ཞལ་རས་ཅིག་བསྟན་མི་འདུག  འོན་ཀྱང་མིག་མདུན་གྱི་ས་གཞི་གཙང་ཤིང་ནེམ་ལ།    རྩི་ཤིང་ལོ་འདབ་དང་བཅས་བ་སྔར་ལས་ལྷག་པའི་མདངས་གསར་བ་ཞིག་རྒྱས་པའི་ངང་ཚུལ་ལ་ལྟོས་ན་མདང་ནུབ་ཆར་བ་ཟམ་ཟིམ་ཞིག་བབས་པ་ཤེས་ཐུབ།   དེས་ང་རང་ཉིན་གཅིག་གི་ལས་སྒོར་འཇུག་རྒྱུར་དང་བ་བླ་མེད་ཅིག་དྲངས།

Advertisements

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s