དར་ལྕོག

དར་ལྕོག

 Image

ང་རང་ཆུང་དུས་སུ

ཁྱེད་ནི་རི་རྩེ་ན་འགྲེང་བའི་བགྲེས་བོ་ཁེར་རྐྱང་ཞིག
ཆར་རླུང་དང་བུ་ཡུག་གི་ཁྲོད་ནས་མགོ་བོ་དུད་མ་མྱོང་བའི
མཁར་སྲུང་དམག་མི

ཁྱེད་ཀྱི་མིག་ཟུང་རྒྱང་རིང་དུ་

གཏད་དུས

གནམ་འོག་དང་ས་གཞི་ཧ་ཅང་དམའ

ཨ་མས་ཁྱེད་ཀྱི་གཏམ་རྒྱུད་འཆད་མ་ཐུབ་རུང
ཉི་ཡག་སྐར་བཟང་གི་ཉིན་མོ་ཞིག་ལ
ལྷ་ཤིང་ཤིག་པས་ཁྱེད་ལ་བསང་གསོལ་དང
བདུད་རྩི་བསིལ་མས་ཁྱེད་ལ་མཆོད་འབུལ་བྱེད་དགོས་བའི་སྐུལ་མ་མཛད

རང་གི་འདོད་དོན་འགྲུབ་པའི་གསོལ་བ་ཡང་ཡང་བཏབ་ན
ཁ་ལས་རླུང་རྟ་དར་ཞིང་

དགོས་འདོད་ལྷུན་གྱིས་འགྲུབ་ཡོང་ཟེར

ལྷོག་ལྷོག་ཏུ་འཕྱུར་པའི་དུད་སྤྲིན་སྐྱ་བོའི་ཁྲོད་ན
ལྷབ་ལྷུབ་ཏུ་བསྐྱོད་པ་ནི་བདག་གི་གསོལ་འདེབས་གྲངས་མེད་དང

མཚོས་གཞི་དང་མཚོན་དོན་མི་འདྲ་བའི་ཁྱེད་ཀྱི་དར་ལྕེ་དེ་དག་རེད

ང་དང་སྤུན་གྲོགས་ཚོས་ནམ་མཁར་མི་ཤོང་བའི་ཀི་སྒྲ་བསྒྲགས་ཤིང་

རེ་བ་དང་ཡིད་ཆེས་མཐའ་དག་ཁྱེད་ལ་གཏད 
དུང་དཀར་ཤུགས་ཀྱིས་བུས་ཤིང་བསྐོར་བ་ལན་གསུམ་བྱས

ཨ་ཕས་        ཁྱེད་ནི་མཐའ་བཞི་དབང་དུ་སྡུད་པའི་
སྒང་བ་བོད་ཀྱི་རི་མཚོན་ཡིན་པའི་ལོ་རྒྱུས་འཆད་མ་མྱོང་ཡང

ལོ་ཡག་དུས་བཟང་གི་ཉིན་མོ

རི་གསུམ་རྩེ་རུ་རྩེང་ན་
ཆར་ཆུ་དུས་སུ་འབབ་ཅིང་
ལོ་ཕྱུག་རྟག་ཏུ་ལེགས་པའི་བསླབ་བྱ་གནངས

ཁྱེད་དང་འུ་གཉིས་ཀྱི་བར་ན་
འདི་ལྟ་བའི་གཏན་ཚིགས་ཟབ་མོ་ཞིག་ཡོད་དམ་ཅི

ཁྱེད་ནི་ངའི་སེམས་ཁོང་གི་རྒོད་པོ་ཐུར་མེད་དེ
ནམ་ཡང་གསོན་ཤུགས་ལྡན་ཞིང་དཔའ་སྤོབས་རྒྱས་ཡོད

གྲང་ངར་ཀྱི་ཁྲོད་ན་ཁྱེད་ལ་སྒམ་ཚིགས་མངའ་བ་བཞིན

ལོ་རྒྱུས་ཀྱི་ཁྲོད་དུའང་ཁྱེད་ལ་གོ་ས་ཐོབ་ཡོད

དུས་ཚིགས་ཀྱི་གཅོང་རོང་ཆེན་པོའི་ཕུ་མདོ་དེད་ན
ཁྱེད་ཀྱི་མངའ་ཐང་ནི་བདག་གི་གཟི་བརྗིད་ལགས

དར་ལྕོག་ཨ    མཐོ་སྒང་གི་རྣམ་ཤེས
ནམ་མཁའ་གུ་དོག་སོང་ངམ་སྐྱོ་ཡུས་ལྕི་དྲགས་སོང
དུས་རབས་ཀྱི་ཟོ་ཆུན་བར་ན་

ཁྱེད་ཀྱི་མིག་ཆུ    རྫོབ་སྟུག་པའི་གྲོང་ཁྱེར་གྱི་གཞི་མདོ་རུ་འཁྱིལ་འདུག

ས་རྡུལ་རིམ་པ་ཆགས་པའི་ཁྱེད་ཀྱི་ངོ་གདོང་ཧྲིལ་བོར
ཡལ་བཞིན་པའི       ཁྱེད་ཀྱི་སྟེང་གི་དབྱངས་གསལ་སོ་བཞི
གཞི་མདོའི་གད་སྙེགས་དང་ལྷན་དུ་གང་ལ་འཕུར

སེམས་སོང་བུ་མོ་ལྟ་བུའི་འཁྲེང་ཞེན་དང་མིག་ཆུ་

མདོ་དབུས་མཐོ་གཞོང་སུ་རི་ལྟར་སྤུངས་ནས་གང་ལ་བཞུད

ངའི་སེམས་ཁོང་གི་དར་ལྕོག
                                  2013.10.11

Advertisements

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s